
- བཟོ་སྐྲུན་མཁན། : གསུབ་ཆས།
- Build: |windows: 115.0.1 |Mac: 115.0.1 |
- དྲ་ཚིགས :https://www.thunderbird.net
- རྒྱལ་ཁབ། :ཨ་རི།
- License:Free and Open Source
Mozilla ཐེབས་རྩ།
Mozilla Thunderbird ནི་གློག་འཕྲིན་ཡིག་ཟམ་གྱི་ཞབས་ཞུ་ཞིག་ཡིན་ལ། དེས་འཛད་སྤྱོད་པར་ཡིག་ཟམ་གཏོང་ལེན་དང་དེ་འབྲེལ་གྱི་བྱེད་ལས་རིགས་སྟངས་འཛིན་བྱེད་དུ་འཇུག་གི་ཡོད་པ་མ་ཟད། དྲ་རྒྱའི་འབྲེལ་མཐུད་བརྟན་པོ་ཉར་བྱེད་ཀྱི་TLS/SSL ཚད་ལྡན་གྱི་འཕྲུལ་ཆས་དེ་IMAP དང་ SMTP་དྲ་བའི་ཞབས་ཞུ་ལ་མཐུད་པའི་བདེ་འཇགས་ཀྱི་ཁྱད་ཆོས་དེ་མཁོ་སྤྲོད་བྱེད་ཀྱི་ཡོད། Mozilla Thunderbird དེ། ནད་འབུ་དང་། དྲ་ཐོག་ཏུ་མགོ་སྐོར་གཏོང་བའི་ཉྭ་འཛིན་གྱི་ཐབས་ལམ། གད་སྙིགས་ཡིག་ཟམ་སོགས་བཀག་འགོག་བྱེད་པར་དམིགས་ཏེ་འཆར་འགོད་བྱས་ཡོད། ཡིག་ཟམ་གཏོང་ལེན་རིགས་གློག་རྡུལ་གྱི་རྣམ་པའི་ཐོག་ནས་མིང་ཐོ་བཀོད་ཡོད་པས། ཡིག་ཟམ་གཏོང་མཁན་དང་གཏང་ཡུལ་གཉིས་ཀའི་ངོ་བོ་བདེན་དཔང་བྱེད་ཀྱི་ཡོད། གསང་སྡོམ་གྱི་ཁྱད་ཆོས་ཡོད་པས།ཡིག་ཟམ་གཏོང་ལེན་གྱི་གོ་རིམ་ཁྲོད་དུ། གང་ཟག་གསུམ་པས།ཁྱེད་ཀྱི་ཡིག་ཟམ་ཀློག་པ་དང་འགྱུར་བ་གཏོང་བ་སོགས་བྱེད་མི་ནུས་པའི་ཁག་ཐེག་བྱེད་ཀྱི་ཡོད། གང་ཟག་གཉིས་ཕན་ཚུན་བར་གྱི་ཡིག་ཟམ་ནང་གི་གསང་སྡོམ་གྱི་ཁྱད་ཆོས་ནུས་ཡོད་བཟོ་བར། ཁྱེད་ཀྱིས་Mozilla Thunderbird ནང་དུ། PGP གྲོས་མཐུན་ཟེར་བ་དེ་སྒྲིག་བཟོ་བྱེད་དགོས། Mozilla Thunderbird ནི་ཁུངས་འབྱེད་མཉེན་ཆས་ཤིག་ཡིན་ལ། དེ་ཉེར་སྤྱོད་མ་ལག་སྣ་ཚོགས་ཀྱི་ནང་དུ་ལས་ཀ་བྱེད་ཐུབ་ཀྱི་ཡོད།