ལས་དོན་འཚོལ་ཞིབ་ཟེར་བ་དེས་ཁྱེད་ཀྱི་མ་ལག་གི་སྟེང་དུ་ལས་ཀ་བྱེད་བཞིན་པའི་མཉེན་ཆས་ཁག་གི་བྱ་བའི་བརྒྱུད་རིམ་མིག་གིས་དངོས་སུ་འཚོལ་ཞིབ་བྱེད་དུ་འཇུག་གི་ཡོད། མངོན་གསལ་གྱི་ཁྱད་ཆོས་ཁག་གི་ཁོངས་སུ།
མིང་རྟགས་འགོད་པཔའི་རྣམ་པ།(Signing Status) :
ཀུ་ཤུ་བཟོ་ཚོང་ཁང་དང་། གང་ཟག་གསུམ་པ་པས་མིང་རྟགས་བཀོད་པ་དང་མ་བཀོད་པའི་ལས་དོན་ཁག་མགྱོགས་མྱུར་གྱི་ངང་ནས་ལྟ་བ་དང་།འཚག་རྒྱག་པ།
VirusTotal ཐུན་མོང་གི་བྱ་བཞག :
ཞིབ་བཤེར་གྱི་གོ་རིམ་ཁྲོད་ནས་ངོས་འཛིན་ཐོབ་པའི་མཉེན་འབུ་རིགས་གསལ་སྟོན་བྱེད་ཐུབ་ལ། རྒྱུས་མེད་ཀྱི་ཡིག་ཆ་རིགས་དབྱེ་ཞིབ་བྱེད་ཆེད་ཡར་སྤྲོད་བྱེད་ངེས།
འགོ་འཛུགས་བྱས་པའི་འགུལ་རྣམ་བང་མཛོད། :
ལས་དོན་རེ་རེའི་ཆེད་དུ། འགོ་འཛུགས་བྱས་ཚར་བའི་dylibs ཡིག་ཆའི་རིགས་ལ་ལྟ།
ཡིག་ཆ་སྒོ་འབྱེད། :
ལས་དོན་བྱེ་བྲག་པ་ཞིག་གིས་ཁ་ཕྱེས་པའི་ཡིག་ཆ་ཚར་མར་ལྟ།
དྲ་བའི་འབྲེལ་མཐུད། :
ལས་དོན་ཞིག་གིས་བསྐྲུན་པས་དྲ་བའི་འབྲེལ་མཐུད་དང་དེའི་སྐོར་གྱི་གནས་ཚུལ་རྒྱས་པ་ལ་ལྟ།
སྤྱི་ཡོངས་འཚོལ་ཞིབ། :
མྱུར་དུ་ཞིབ་བཤེར་བྱས་ཏེ། དམིགས་བསལ་གྱི་ཅ་ལག་དང་།མིང་རྟགས་བཀོད་མེད་པའི་གཉིས་གོང་འགྲིལ་ལུགས། བསྐྲུན་ཚར་བའི་དྲ་བའི་འབྲེལ་མཐུད་ལ་སོགས་པ་འཚོལ།