
- བཟོ་སྐྲུན་མཁན།: སྨོན་ལམ་བོད་ཡིག
- Build: | windows: v-3.1 | Mac: v-3 |
- དྲ་ཚིགས། :http://monlamit.com/
- རྒྱལ་ཁབ།:རྒྱ་གར་།
སྨོན་ལམ་བོད་ཡིག་ཐེབས་གཞོང་།
སྨོན་ལམ་བོད་ཡིག་ནི་བོད་ཡིག་གི་རིན་མེད་ཡིག་གཟུགས་ཤིག་ཡིན་ལ། IME ་དེས་མཐེབ་གཞོང་གི་རིགས་མི་འདྲ་བ་བཞི་མཁོ་སྤྲོད་བྱེད་ཀྱི་ཡོད། IME ་དེ་སྒེའུ་ཁུང་གློག་ཀླད་ཀྱི་སྐད་ཡིག་གི་ཐོ་གཞུང་གི་ཁོངས་སུ་ཁ་སྣོན་བྱེད་ཀྱི་ཡོད། མཐེབ་གཞོང་དེ་དག་གི་ཁྲོད་ཀྱི་མཐེབ་གཞོང་གཅིག་གིས་བོད་མི་ཕལ་ཆེ་བར་རྒྱུས་མངའ་ཡོད་པའི་TCRC་བོད་ཡིག་གི་མཐེབ་གཞོང་བེད་སྤྱོད་བྱེད་ཀྱི་ཡོད། ཁྱེད་ཀྱིས་སྨོན་ལམ་ཡིག་གཟུགས་ཡོད་མེད་ལ་མ་ལྟོས་པར། སྨོན་ལམ་ IME ནང་འཇུག་བྱེད་ཆོག ནང་འཇུག་བྱས་ཚར་བའི་རྗེས་སུ། ཁྱེད་ཀྱིས་རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་མ་ལག་གི་ཁོངས་སུ་བཅུག་ཡོད་པའི་བོད་ཡིག་གི་ཡིག་གཟུགས་གང་རུང་གཏགས་ཆོག མཉེན་ཆས་ཐོན་རྫས་འདི་བེད་སྤྱོད་བཏང་སྟེ། རང་གི་སྙིང་ཉེ་བའི་མི་ཚོར་གློག་འཕྲིན་གཏོང་བ་དང་། ཁ་བརྡ་བྱེད་རྒྱུ་ཧ་ཅང་སྟབས་བདེ་པོ་ཡིན། མཉེན་ཆས་འདི་བེད་སྤྱོད་བཏང་བ་ཡིན་ན། Micro office དང་ notepad་གཉིས་ཀའི་ནང་དུ་བོད་ཡིག་གཏགས་ཐུབ་པ་ཡིན་ནོ།།